Camp Anthem སྒར་གླུ།

༆ས་གནས་ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ལས།། 
རྒྱ་མཚོ་ནང་ལུ་འབབ་པའི་ཆུ་ཆེན་བཟུམ།། 
སེམས་ཀྱི་གདིང་ལས་དགའ་སྤྲོ་འབག་སྟེ་གིས།། 
ང་བཅས་བསླབ་སྟོན་གནས་གར་འདི་ནང་འཛོམས།།

གྲ་སྒྲིག་ཡོད་པའི་ང་བཅས་བསམ་འཆར་འདི།། 
ཐབས་ཤེས་དམངས་ལུ་བགོ་བཤའ་རྐྱབ་ནི་དང་།། 
ག་ར་ཨིན་རུང་ཤེས་ཐབས་བཟོ་ནི་གི།། 
ཐབས་དང་གནས་སྐབས་འདི་ནང་སྟོན་ནི་ཡོད།།

མི་དབང་མངའ་བདག་ཐུགས་བསྐྱེད་འགྲུབ་ཐབས་ལུ།། 
རྒྱལ་ཁབ་རྒྱབ་སྐྱོར་ང་བཅས་གྲ་སྒྲིག་ཡོད།།     
ང་བཅས་རྒྱལ་དར་གནམ་མཁའི་དགུངས་ལུ་འཕྱར།། 
རུ་སྒྲིག་ཐོག་ལས་རྒྱལ་ཁབ་བརྟན་བཅུག་ནི།།


Lyrics by Lop. Choki Gyeltshen SM (BYDA 1992)